རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་སྐོར་གྱི་དྲི་བ་དང་ལན།
དྲི་བ་༡༽དེ་ནས་སྤྲེལ་ལོའི་སྟོན་བླ་མ་དབུ་མ་པ་དང་ལྷན་ཅིག་ཏུ་དབོན་སློབ་གཉིས་ཀ་དབུས་ཀྱི་དགའ་བ་གདོང་དུ་ཕྱག་ཕེབས། ཞེས་སོགས་གསུངས་པས། དགའ་བ་གདོང་དུ་རྗེ་བླ་མས་བླ་མ་དབུ་མ་པའི་དྲུང་ནས་ཆོས་འབྲེལ་ཅི་ཞིག་གསན་དད་པའི་འཇུག་ངོགས་ལྟར་བྲིས།
དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཀྱིས་མངོན་པར་མཐོ་བའི་བླ་མ་དབུ་མ་པ་དང་ཐབས་ཅིག་ཏུ་དགའ་བ་གདོང་དུ་བཞུགས་ཀྱི་རིང་ལའང་ཁོང་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཆོས་སྐོར་མང་དུ་གསན་ཅིང་།
དྲི་བ་༢༽རྗེ་རིན་པོ་ཆེས་བླ་མ་དབུ་མ་པ་ལ་ལོ་ཙ་བ་བཅོལ་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལ་དྲི་གཏུགས་དང་དྭོགས་དཔྱོད་ཇི་ལྟར་ཞུས། རྗེ་བཙུན་གྱིས་བཀའ་ལན་གང་གནང་གསལ་བར་བྲིས།
དེའི་དུས་སུའང་བླ་མ་དབུ་མ་པ་ལ་ལོཙྪ་བ་བཅོལ་ནས།
རྗེ་བཙུན་འཇམ་པའི་དབྱངས་ལ་དབུ་མའི་ལྟ་བ་དང།
སྔགས་མཚན་ཉིད་ཀྱི་ཁྱད་པར།
སྔགས་བླ་མེད་ཀྱི་ལམ་གྱི་གནད་ཆེ་ཤོས་རྣམས་
དང་༑
རིམ་པ་ལྔའི་གོ་རིམ།
གྲངས་ངེས་སོགས་མཐའ་ཡས་པ་ཞིག་གི་དྲི་བ་དང།
དོགས་པ་ཆོད་པའི་ཆེད་དུ་བརྒལ་ཞིང་བརྟག་པའི་སྒོ་ནས་འདྲི་བ་ལ་སོགས་པ་འབའ་ཞིག་གཙོ་བོར་མཛད་དོ།།
རྗེ་བཙུན་གྱིས་བཀའ་ལན། གང་གིའང་མིན། ཞེས་ གསུང་ཞིང༌། གཞན་ཡང་གསུང་རབ་ཀྱི་གནད་དང༌། དཔྱད་པ་མཛད་པའི་ སྒོ་བསྟན་པ་ལ་ཚད་མེད་དོ།
དེའི་ཚེ་གཞན་ཡང་རྗེ་བཙུན་གྱི་ཞལ་ནས། ད་ཕྱིན་ཆད། བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་འདེབས་པ། སྔར་བསགས་ཀྱི་སྡིག་ལྟུང་སྦྱོང་ཞིང་ཚོགས་རྒྱ་ཆེན་པོ་གོང་ནས་གོང་དུ་སྤེལ་བའི་བསག་སྦྱང་ལ་འབད་པ། ཤིང་རྟ་ཆེན་པོ་རྣམས་ཀྱི་རིགས་པ་ལ་བརྟེན་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དོན་ལ་ཞིབ་ཏུ་དཔྱོད་པ་གསུམ་སུམ་སྒྲིལ་དུ་གྱིས་ལ་རྒྱུན་མ་ཆད་པར་ཉམས་སུ་ལོང་དང༌། རིང་པོར་མི་ཐོགས་པར་ལྟ་བའི་གནད་མཐར་ཐུག་པ་དང༌། མདོ་རྒྱུད་ཀྱི་དོན་མཐའ་དག་ལ་མི་འཁྲུལ་བའི་ངེས་པ་རྙེད་པར་འགྱུར། ད་ལྟ་ནས་བཤད་པ་བྱས་ཀྱང་ཕན་འདོགས་ལྟར་སྣང་ལས་མི་འོང་བས། རེ་ཞིག་བྱ་བྲལ་བྱས། དབེན་པ་བསྟེན་ནས་སྒྲུབ་པ་སྙིང་པོར་གྱིས་ཤིག །ཅེས་བསྐུལ་བར་མཛད་དོ། དེ་ལྟར་བསྐུལ།
དྲི་བ་༣༽འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་བྱ་བྲལ་ལ་ཕེབས་པའི་ལོ་དུས་དང་གནས། ལྷན་དུ་འཁོར་ཇི་ཙམ་ཡོད་པ་དེ་རྣམས་ཀྱི་མཚན་རྣམས་མ་ནོར་བར་ངོས་འཛིན་རྒྱུ་དང་། དི་དུས་རྗེ་ཉིད་དགུང་ལོ་ཇི་ཙམ་ཡིན་བཅས་གསལ་བར་བྲིས།
སྟོན་གཞུག (རབ་བྱུང་༧ ཆུ་སྤྲེལ་༡༣༩༢ དགུང་ལོ་༣༦)
དེ་ཆོས་མང་དུ་གསུངས། དགུན་ལ་ཉེ་ བ་སྤྲེའུ་ལོ་ཟླ་བ་བཅུ་པ་ལ་བབ་པ། དགུང་ལོ་སུམ་ཅུ་རྩ་དྲུག་པ (རབ་བྱུང་ ༧ཆུ་སྤྲེལ་༡༣༩༢) ལ་སྐྱོར་མོ་ལུང་ནས་ཕྱག་བཏེག
འཁོར་རྣམས་ནི།
- སློབ་དཔོན་རིན་པོ་ཆེ་འཇམ་དཀར་བ་ཞེས་གྲགས་པ་དཔལ་ལྡན་བཟང་པོ་བ
- རྟོགས་ལྡན་བྱང་སེང་བ
- གནས་བརྟན་རིན་ཆེན་རྒྱལ་མཚན་པ
- གནས་བརྟན་བཟང་སྐྱོང་བ་སྟེ་དབུས་པ་བཞི
- བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ
- དགེ་བཤེས་ཤེས་རབ་གྲགས
- དགེ་བཤེས་འཇམ་དཔལ་བཀྲ་ཤིས
- དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི
བཅས་པ་ཕྱག་ཕྱིར་ཁྲིད།
དྲི་བ་༤༽རྗེ་ཙོང་ཁ་པ་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོ་བརྩམ་སའི་གནས་དང༌། ལོ་དུས། སྐུལ་བ་པོ། དེ་དུས་རྗེ་བླ་མ་ དགུང་ལོ་ཇི་ཙམ་ལ་ཕེབས་པ་བཅས་གསལ་བར་བྲིས།
རབ་བྱུང་༧ ལྕགས་སྦྲུལ་༡༤༠༡ དགུང་ལོ་༤༥ ལྔ་པ་གྲགས་རྒྱན་ཁྲི་ལོ་༡༧ ཐོན་ནས། རྭ་སྒྲེང་ཕྱོགས་སུ་བྱོན་ནས་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་དང་། འབྲི་གུང་ཆོས་རྗེ་དང་། གཞན་ཡང་གསོལ་བ་འདེབས་པ་དུ་མའི་ངོར།
རྒྱལ་བའི་གསུང་རབ་མཐའ་དག་གི་གནད་བསྡུས་པ།
ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ།
བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་རྒྱས་པར་སྟོན་པའི་ལམ་རིམ་ཆེན་མོའི་རྩོམ་པ་མཛད
དྲི་བ་༥༽དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་པའི་ལོ་དུས་དང༌། ཕྱག་འདེབས་དགོས་པའི་རྐྱེན། ཕྱག་འདེབས་ཚུལ། དེ་དུས་རྗེ་བླ་མ་དགུང་ལོ་ཇི་ཙམ་ལ་ཕེབས་པ་བཅས་གསལ་བར་བྲིས།
དཔྱིད་རྟིང་མ (རབ་བྱུང་༧ ས་གླང་༡༤༠༩ དགུང་ལོ་༥༣)
གཞན་ཡང་སྡེ་སྣོད་འཛིན་པ་མང་དུ་འདུས་པ་རྣམས་ལ།
ལམ་རིམ་ལ་སོགས་པའི་ཆོས་མང་དུ་གསུངས།
སློབ་དཔོན་དཀའ་བཅུ་པ་དང། སློབ་དཔོན་འདུལ་འཛིན་པ་རྣམ་གཉིས་ཀྱིས་ཐོག་མ་མཛད་པའི་དགེ་འདུན་ཕལ་ཆེ་བས་འབྲོག་རི་བོ་ཆེར་བྱོན་ཏེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ།
དྲི་བ་༦༽རྗེ་བླ་མའི་མཛད་ཆེན་བཞི་པོ་དེའི་མཚན་མ་ནོར་བར་ངོས་འཛིན་གནང་རྒྱུ།
- རྫིང་ཕྱིའི་བྱམས་པ་ཞིག་གསོ།
- གཉལ་གྱི་ལུང་རྭ་ཆེན་མོ།
- ཆོ་འཕྲུལ་དུས་ཆེན།
- དགའ་ལྡན་སྒྲུབ་མཆོད།
དྲི་བ་༧༽རྗེ་བླ་མ་དགོངས་པ་མྱ་ངན་ལས་འདའ་ཁར་རྗེས་འཇུག་བུ་སློབ་རྣམས་ཀྱི་ནང་ནས་བསྟན་པ་སུ་ལ་གཏད་། བསྟན་པ་ཇི་ལྟར་གཏད་པ་ལྟར་དེས་རྗེའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་དར་རྒྱས་མཛད་ཚུལ་བཅས་སྙིང་བསྡུས་ཤིག་བྲིས།
རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་མྱ་ངན་ལས་འདའ་ཁར་བསྟན་པ་འདི་རྗེ་རྒྱལ་ཚབ་དར་མ་རིན་ཆེན་ལ་གཏད་པ་རེད། རྗེས་འཇུག་བུ་སློབ་རྣམས་ཀྱི་ནང་ནས་ཁོང་ནི་མཁས་གྲུབ་ཆེ་ཤོས་དང་རྗེ་བླ་མའི་དགོངས་པ་མཐར་ཐུག་འཛིན་མཁན་ཞིག་ཡིན་པར་ངོས་འཛིན་གནང་བ་རེད།
རྗེ་རྒྱལ་ཚབ་པས་བསྟན་པ་གཏད་པ་ལྟར་རྗེའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་དར་རྒྱས་མཛད་ཚུལ་སྙིང་བསྡུས་ནི།
- གདན་ས་ཆེན་པོ་གསུམ་གྱི་ནང་ནས་དགའ་ལྡན་གྱི་ཁྲི་ཐོག་མར་བཞུགས་ནས་དགའ་ལྡན་ཕོ་བྲང་གི་རྨང་གཞི་བཏིང་།
- རྗེའི་གསུང་རབ་རྣམས་ཕྱོགས་བསྡུས་དང་དཔར་བསྐྲུན་མཛད་དེ་ཁྱབ་སྤེལ་གནང་།
- རྗེའི་གསུང་གི་དགོངས་འགྲེལ་དང་འཆད་ཉན་གྱི་སྲོལ་བཏོད།
- དབུ་མ་དང་ཚད་མའི་གཞུང་ལུགས་ལ་འགྲེལ་བ་མཛད་དེ་རིགས་ལམ་གྱི་སྲོལ་རྒྱུན་སྤེལ།
- རྗེའི་གསུང་གི་དགོངས་དོན་ལྟར་གསང་སྔགས་ཀྱི་ཉམས་ལེན་དང་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་བསྐྱངས།