༄༅། །སེར་སྨད་འདུལ་བ་སྤྱི་དོན་དང་གཞུལ་འགྲེལ་གཉིས་ཀྱི་ཡིག་ཆའི་དག་པོ་པཎ་ཆེན་བློ་གྲོས་ལེགས་བཟང་གི་མཛད་རྣམ་མདོར་བསྡུས།

Tenzin Dorjee
1 minute read
0

པཎ་ཆེན་བློ་གྲོས་ལེགས་བཟང་

༄༅། །འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་བློ་གྲོས་མཆོག །
ལེགས་བཤད་རིན་ཆེན་གཏེར་གྱི་བདག་པོ་སྟེ། །
བཟང་པོའི་སྤྱོད་པས་འགྲོ་ཀུན་སྨིན་མཛད་པ། །
མཁས་པའི་དབང་པོ་ཁྱོད་ལ་གུས་ཕྱག་འཚལ། །
༄༅། །རྒྱལ་བའི་གསུང་རབ་ལྷ་ལམ་ཡངས་པ་ལ། །
དྲི་མེད་བློ་གྲོས་དཀྱིལ་འཁོར་རབ་རྒྱས་ཤིང་། །
ལེགས་བཤད་ལུང་རིགས་ཚ་ཟེར་སྟོང་འཕྲོ་བའི། །
སྐལ་བཟང་པདྨོའི་གཉེན་ལ་སྤྱི་བོས་འདུད། །
མཁས་པའི་རྒྱན་མཆོག་ཀུན་གྱི་གཙུག་གི་ནོར། །
ལུང་རིགས་སྨྲ་བའི་ཉི་མ་གཞན་དྲིང་མི་འཇོག་པ། །
བསླབ་གསུམ་ནོར་བུའི་མཛོད་འཛིན་ས་སྟེང་རྒྱན། །
བློ་གྲོས་ལེགས་བཟང་ཞབས་ལ་གསོལ་བ་འདེབས། །
མཁས་པའི་རྒྱན་མཆོག་ཀུན་གྱི་གཙུག་གི་ནོར། །
ལུང་རིགས་སྨྲ་བའི་ཉི་མ་གཞན་དྲིང་མི་འཇོག་པ། །
བསླབ་གསུམ་ནོར་བུའི་མཛོད་འཛིན་ས་སྟེང་རྒྱན། །
བློ་གྲོས་ལེགས་བཟང་ཞབས་ལ་གསོལ་བ་འདེབས། །
༄༅། །རྒྱལ་བའི་གསུང་རབ་ལྷ་ལམ་ཡངས་པ་ལ། །
དྲི་མེད་བློ་གྲོས་དཀྱིལ་འཁོར་རབ་རྒྱས་ཤིང་། །
ལེགས་བཤད་ལུང་རིགས་ཚ་ཟེར་སྟོང་འཕྲོ་བའི། །
སྐལ་བཟང་པདྨོའི་གཉེན་ལ་སྤྱི་བོས་འདུད། །
༄༅། །རྒྱལ་བའི་གསུང་རབ་ལྷ་ལམ་ཡངས་པ་ལ། །
དྲི་མེད་བློ་གྲོས་དཀྱིལ་འཁོར་རབ་རྒྱས་ཤིང་། །
ལེགས་བཤད་ལུང་རིགས་ཚ་ཟེར་སྟོང་འཕྲོ་བའི། །
སྐལ་བཟང་པདྨོའི་གཉེན་ལ་སྤྱི་བོས་འདུད། །

དུས་རབས་བཅུ་དྲུག་པའི་ནང་ཤངས་བྱེད་མདོའི་ཞལ་ངོར་སྐུ་འཁྲུངས། བཀྲ་ཤིས་ལྷུན་པོར་ཀུན་མཁྱེན་ལེགས་པ་དོན་གྲུབ་དགེ་བའི་བཤེས་གཉེན་དུ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་ཆོས་བཀའ་མང་པོ་གསན་བཞེས་གནང་།

མཛད་རྣམ་གཙོ་བོ།

  • དཔལ་འཁོར་ཆོས་སྡེར་རབ་འབྱམས་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ཆེ།
  • རྒྱང་རོ་ལྷ་ཁང་གི་བླ་མ་ཡུན་རིང་དུ་མཛད།
  • ཤར་རྩེ་གྲྭ་ཚང་གི་ཁྲི་འཛིན་པ་དྲུག་པ།
  • བཀྲ་ཤིས་ལྷུན་པོའི་ཁྲི་འཛིན་པ་དགུ་པ།
  • ཀུན་མཁྱེན་པའི་ཡིག་ཆ་ཇི་བཞིན་བཤད་ཁྲིད་བྱེད་པའི་སྲོལ་བཙུགས།

གསུང་རྩོམ་གཙོ་བོ།

༡། འདུལ་བའི་སྐོར།

  • འདུལ་བ་མདོ་རྩ་བའི་གཞུང་འགྲེལ་རིན་ཆེན་ཕྲེང་བའི་དགོངས་རྒྱན།
  • འདུལ་བའི་སྤྱི་དོན་ཊིཀ་ཆེན་རིན་ཆེན་ཕྲེང་བའི་དགོངས་རྒྱན།
  • དུས་ཚིགས་ཀྱི་རྣམ་གཞག་སྨྲ་བའི་རྒྱན།

༢། གཞུང་ཆེན་གྱི་སྐོར།

  • དབུ་མའི་གཞུང་འགྲེལ་དང་མཐའ་དཔྱོད།
  • མཛོད་ཀྱི་རྣམ་བཤད་མཁས་པའི་ཡིད་འཕྲོག
  • ཕར་ཕྱིན་སྤྱི་དོན་དགོངས་པ་གསལ་བའི་མེ་ལོང།
  • ཀུན་མཁྱེན་དམ་པའི་ཡིག་ཆའི་ཟུར་འདེབས།
  • ཀུན་མཁྱེན་ཆེན་པོའི་དགོངས་པ་བཞིན་པོ་ཏི་བཞིའི་གཞུང་འགྲེལ།

༣། སྔགས་ཕྱོགས།

རིམ་གཉིས་དང་རྒྱུད་འགྲེལ་སོགས་ཀྱི་ལེགས་བཤད་མང་དུ་མཛད།

ཁྱད་པར་འཕགས་པའི་མཛད་རྗེས།

པཎ་ཆེན་བློ་གྲོས་ལེགས་བཟང་ནི་བཀྲ་ཤིས་ལྷུན་པོའི་བླ་མ་ཡིན་པར་མ་ཟད། སེར་སྨད་གྲྭ་ཚང་གི་ཡིག་ཆ་འདུལ་བ་གཞུང་འགྲེལ་དང༌། གཞི་སྟོད། གཞི་སྨད་གཉིས་ཀྱི་སྤྱི་དོན་བཅས་གསར་རྩོམ་གནང་སྟེ་སེར་སྨད་གྲྭ་ཚང་གི་ཡིག་ཆ་མཛད་པ་པོའང་ཡིན།

Post a Comment

0Comments

Post a Comment (0)

#buttons=(Accept !) #days=(20)

Hello friends, this website is for reading and learning. Learn Now
Accept !