རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས།

Tenzin Dorjee
1

རྡོ་རྗེ་སེམས་དཔའི་སྒྲུབ་ཐབས།

སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །
བྱང་ཆུབ་བར་དུ་སྐྱབས་སུ་མཆི། །
རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །
བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །

ལན་གསུམ།

སེམས་ཅན་བདེ་དང་ལྡན་གྱུར་ཅིག །
སྡུག་བསྔལ་ཀུན་དང་བྲལ་བར་ཤོག །
བདེ་དང་རྟག་ཏུ་མི་འབྲལ་ཞིང་། །
ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །

ལན་གཅིག །

ཨ། མཁའ་དཀྱིལ་དང་བའི་དབྱིངས་ཉི་ཟླར། །
རང་རིག་ཡེ་ཤེས་བདེ་བ་ཆེ། །
རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །
ཞི་ཚུལ་མཚན་དང་དཔེ་བྱད་འབར། ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད། ། གཡོན་པས་དྲིལ་བུ་དཀུ་ལ་བརྟེན། ། སྙེམ་མ་དྭཀར་མོ་གྲི་ཐོད་ཅན། །  བདེ་སྟོང་མཉམ་པར་སྦྱོར་བས་འཁྱུད། །  ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། ། རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན། །མ་ལུས་པར་ནི་འགྲུབ་པར་འགྱུར། །ཐུགས་དབུས་ཟླ་སྟེང་རྡོ་རྗེའི་དབུས། །
ཧཱུྃ་ལ་ཡི་གེ་དྲུག་པས་བསྐོར།
།སྣང་སྲིད་རྣམ་དག་བདེ་བ་ཆེ། །རྡོ་རྗེ་སེམས་དཔའི་ངང་དུ་སད་། །ཨོཾ་བཛྲ་ས་ཏྭ་ཧཱུྃཿ  ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏེིཥྛ་ཌི་ཌྷོ་མེ་བྷ་ཝ༔ སུ་ཏེོ་ཥྱོོ་མེ་བྷ་ཝ༔ སུ་པོ་ཥྱོོ་མེ་བྷ་ཝ༔ ཨ་ནུ་རཀྟོོ་མེ་བྷ་ཝ༔ སརྦ་སིདྡྷིི་མྨེེ་པྲ་ཡེཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾཾ་ཤྲི་ཡཾཿ ཀུ་རུ་ཧཱུྃྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མ་མེ་མུཉྩ༔ བཛྲཱིི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ༔ འདས་ཟིན་པ་དང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྡིག་པ་ཡོད་ཚད་འགྱོད་སེམས་གྱིས་རྡོ་རྗེ་སེམས་དཔའི་མདུན་དུ་ཨོཾ་བཛྲ་ས་ཏྭ་ཧཱུྃ་ཞེས་བསྙེན་པ་བཏོན་ནས་བཤགས་ན་རྩ་བ་དྲུང་འབྱིན་གྱི་ཚུལ་དུ་དག་པར་འགྱུར་རོ།། འདས་ཟིན་པ་དང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྡིག་པ་ཡོད་ཚད་འགྱོད་སེམས་གྱིས་རྡོ་རྗེ་སེམས་དཔའི་མདུན་དུ་ཨོཾ་བཛྲ་ས་ཏྭ་ཧཱུྃ་ཞེས་བསྙེན་པ་བཏོན་ནས་བཤགས་ན་རྩ་བ་དྲུང་འབྱིན་གྱི་ཚུལ་དུ་དག་པར་འགྱུར་རོ།།

ཕན་ཡོན།

 དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་དྲུག་པ།མཚན་འདི་གང་གིས་ཐོས་པ་དེས་སྔོན་སངས་རྒྱས་མང་པོ་ལ་བྱ་བ་བྱས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་ངེས་པར་འབྱུང་བ་དང་། རྒྱལ་བ་རྣམས་ཀྱི་བྱིན་གྱིས་རློབ་པ་དང་། ཐེག་པ་ཆེན་པོར་ངེས་པར་འབྱུང་བ་དང་། མངོན་ཤེས་དང་ལྡན་ཞིང་ལྷག་མཐོང་གི་མིག་དང་ལྡན་པ་དང་།རྒྱལ་བའི་སྲས་སུ་ངེས་པ་ཡིན་ནོ་ཞེས་སྤྱི་མདོ་དགོངས་པ་འདུས་པ་ལས་གསུངས་ཤིང་འདི་འབུམ་ཕྲག་གཅིག་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཡང་ཞི་བར་འགྱུར་རོ་ཞེས་ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས་གསུངས་། དེ་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །ལན་གཅིག་ཙམ་ཡང་བརྗོད་གྱུར་ན། །འདི་ནི་སྲུང་བ་རྟག་ཆེན་པོ། །སྐད་ཅིག་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས། ཡིད་དམ་གྱི་ལྷ་བདེ་མཆོག་དང་དགྱེས་རྡོར་གསང་འདུས་དུས་ཀྱི་འཁོར་ལོ་དཔལ་ཡང་དག་ཧེ་རུ་ཀ་ཕུར་པ་རྡོ་རྗེ་གཞོན་ནུ་རྣམས་ཀྱང་རྡོ་རྗེ་སེམས་དཔའ་ཉིད་ཡིན་ལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་སྔོན་འདི་ལྟར་དམ་ཚིག་ཉམས་ཆག་ཅན་རྣམས་ཀྱི་མདུན་དུ་བདག་གནས་ནས་སྒྲིབ་པ་ཐམས་ཅད་སྦྱོང་བར་ཤོག་ཅེས་སྨོན་ལམ་བཏབ་པས། ད་ལྟ་འདི་ཉིད་ཀྱི་ལྷ་སྔགས་དྲན་པ་ཙམ་གྱིས་ཉམས་ཆག་སྡིག་སྒྲིབ་སྦྱོང་བར་བྱེད་ཅིང་མདོར་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དཔལ་ལྡན་རྡོ་རྗེ་སེམས་དཔར་འདུས་ཤིང་། གསང་སྔགས་དང་རིག་སྔགས་ཐམས་ཅད་སྙིང་པོ་ཡི་གེ་དྲུག་པ་འདི་ལ་འདུས་པས་ལྷ་སྔགས་འདི་དག་གི་ ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ།

Post a Comment

1Comments

  1. https://www.bondilan.org/%E0%BD%91%E0%BD%96%E0%BD%B4%E0%BC%8B%E0%BD%98%E0%BC%8B%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%90%E0%BD%BC%E0%BD%A2%E0%BC%8B%E0%BD%A6%E0%BD%BC%E0%BD%82

    ReplyDelete
Post a Comment

#buttons=(Accept !) #days=(20)

Hello friends, this website is for reading and learning. Learn Now
Accept !