སྐྱབས་སུ་མཆིའོ། གཞན་ལ་བརྒྱུད་བསྐུར་གནོངས་དང་། དགེ་བ་ཆེ།

Tenzin Dorjee
0


བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ།





སྐྱོན་གྱིས་མ་གོས་སྐུ་མདོག་དཀར།།

རྫོགས་སངས་རྒྱས་ཀྱིས་དབུ་ལ་རྒྱན།།

ཐུགས་རྗེས་སྤྱན་གྱིས་འགྲོ་ལ་གཟིགས།།

སྤྱན་རས་གཟིགས་པ་ཕྱག་འཚལ་ལོ།།







རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།

འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་ཏུ་གསོལ།





རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ།།

ཕྱི་དང་ནང་གི་འཚེ་བ་ཡི།།

བར་དུ་གཅོད་པ་ཐམས་ཅད་དག།

མྱུར་དུ་ཞི་བ་མཛད་དུ་གསོལ།།

Image




ཐོག་མེད་འཁོར་བར་བསགས་པའི་སྡིག་ལྟུང་དང་།།

བླ་མ་མཆོག་ལ་མཉམ་གྲོགས་ཤོར་བ་དང་།།

སྲུང་མ་རྒྱ་མཚོའི་ཐུགས་དང་འགལ་བ་སོགས།།

སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ།།





བཅོམ་ལྡན་འདས་རྣམ་པར་རྒྱལ་མའི་ཞབས་ལ་སྒོ་གསུལ་གུས་པའི་ཕྱག་འཚལ་ལོ།





བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།

མཆོད་དོ་སྐྱབས་སུ་མཆིའོ།





བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།

མཆོད་དོ་སྐྱབས་སུ་མཆིའོ།









ཕྱག་ན་པདྨོ་འཇིག་རྟེན་དབང་ཕྱུག་ལ།།

སྒོ་གསུམ་མོས་གུས་དྲག་པོས་གསོལ་འདེབས་ན།།

སྟོང་ཉིད་སྙིང་རྗེའི་སྙིང་པོས་རྒྱུད་སྨིན་ནས།།

བྱང་ཆུབ་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག།


རྩོམ་སྒྲིག་པ། བྷོ་ཊའི་སྲས་ཆུང་།

Image

Post a Comment

0Comments

Post a Comment (0)

#buttons=(Accept !) #days=(20)

Hello friends, this website is for reading and learning. Learn Now
Accept !