སངས་རྒྱས་སྨན་བླའི་མཚན་སྔགས་དབྱངས།

Tenzin Dorjee
2

ཆོས་དབྱངས།

བོད་རྩིས་ཟླ་རེའི་ཚེས་བརྒྱད་དེ་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོའི་དུས་ཆེན་ཡིན་པས་དགེ་སྡིག་གང་བསྒྲུབ་ནའང་སྟོང་འགྱུར་ཡིན་པས་དུས་ཆེན་ཁྱད་པར་བ་འདི་ལ་སྒོ་གསུམ་གྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་ན་ཕན་ཡོན་ལྷག་ཏུ་ཆེའོ།།

Sangay Menla player


 

༄༅། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། ། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། ། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། ། བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། ། ཏ་དྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ༔ རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ༔ 

གཞན་ཡང་དེ་རིང་ལ་སངས་རྒྱས་སྨན་བླའི་མཚན་སྔགས་གྱིས་བསྐལ་པ་སུམ་ཅུའི་སྡིག་པ་བྱང་ཞིང་གཅོད་གཏུབ་དམྱལ་བ་ལས་ཐར་ཞེས་གསུངས་པས་ཐ་ནའང་མི་རེ་རེས་རང་སྐལ་མི་ཆད་པར་མཚན་ནམ་གཟུངས་ཐུང་ཚར་རེའམ་གྲངས་མང་འདོན་པ་ནི་ཅི་ནས་ཀྱང་གལ་ཆེ། སྨན་བླའི་མཚན་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།

Post a Comment

2Comments

Post a Comment

#buttons=(Accept !) #days=(20)

Hello friends, this website is for reading and learning. Learn Now
Accept !