མི་ཚང་མ་ལ་ཞུ་རྒྱུ
སྔགས་ཀྱི་སྐོར་ལ་གནད་འགག་ཆེན་པོ་ཞིག་ཞུ་འདོད་བྱུང་། སྔགས་ཀྱི་དབང་མ་ཞུས་པར་སྔགས་བཤད་པ་དང་། རང་ཉིད་སྔགས་ཀྱི་སྡོམ་པ་ཞུས་ཟིན་ནས་དབང་མ་ཞུས་པ་རྣམས་ལ་སྔགས་བཤད་པ་ཡིན་ན། དེ་ཚོ་ཧ་ཅང་ཉེན་ཁ་ཆེན་པོ་རེད།
ད་ལྟའི་དུས་ཚོད་ལ་ཡུ་ཊུབ་དང་། སྤྱི་ཚོགས་དྲ་རྒྱ་ཁག་ནང་ནས་སྔགས་ཀྱི་སྐོར་ལ་མང་པོ་བཤད་ཀྱི་འདུག དེ་ཚོ་ཧ་ཅང་ཉེན་ཁ་ཆེན་པོ་རེད། ག་རེ་བྱས་ནས་རེད་ཟེར་ན། སུས་ཉན་གྱི་ཡོད་མེད་ཧ་གོ་གི་མ་རེད། དབང་ཡོད་མཁན་གྱིས་ཉན་གྱི་ཡོད་དམ། དབང་མེད་མཁན་གྱིས་ཉན་གྱི་ཡོད། དད་པ་ཡོད་མཁན་གྱིས་ཉན་གྱི་ཡོད་དམ། དད་པ་མེད་མཁན་གྱིས་ཉན་གྱི་ཡོད། ཚང་མ་ཧ་གོ་གི་མ་རེད།
དཔལ་མགོན་ཀླུ་སྒྲུབ་ཀྱིས། "དབང་མེད་ན་སྔགས་བསྒྲུབས་ཀྱང་དངོས་གྲུབ་མི་འགྲུབ་སྟེ། ས་བོན་མེད་པའི་ཞིང་ལ་མྱུ་གུ་མི་སྐྱེ་བ་བཞིན་ནོ།" ཞེས་གསུངས།
རྗེ་རིན་པོ་ཆེ། སྔགས་རིམ་ཆེན་མོ་ལས། སྔོན་དུ་དབང་མ་ཐོབ་པ་ལ་བསྐུར་དུ་མི་རུང་ལ། བསམ་གཏན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡང་སློབ་དཔོན་དང་སློབ་མ་མཚན་ཉིད་ཁྱད་པར་བ་དང་ལྡན་པ་ཞིག་དགོས་པས་སྤྱིའི་དབང་དུ་བྱས་པ་མིན་ཏེ་འཆད་པར་འགྱུར་རོ། །ཅེས་གསུངས།
གསང་སྔགས་ཀྱི་དབང་མ་ཞུས་པར་སྔགས་བཤད་པ་དང་། རང་ཉིད་སྔགས་ཀྱི་སྡོམ་པ་ཞུས་ཟིན་ནས་སྔགས་ཀྱི་དབང་མ་ཞུས་པ་རྣམས་ལ་སྔགས་བཤད་པ་ཡིན་ན། མི་བཅོས་བརྒྱད་སད་པའི་སྡིག་པ་ལས་ཀྱང་ཆེ་བའི་སྡིག་པ་ཡོད་རེད།
སྔོན་མ། དབང་ཞུས་ཚར་བ་དང་། དཔེ་ཁྲིད། ཉན་ཚར་བ་ཚོས་ཡུ་ཊུབ་ནང་ནས་ཉན་ན་སྐྱོན་ཡོད་མ་རེད། དེ་ཚོར་ཕན་ཐོགས་ཆེན་པོ་ཡོད་རེད། ག་རེ་བྱས་ནས་རེད་ཟེར་ན། སྔོན་མ། བླ་མས་བཤད་པ་དེ་ཚོ་དྲན་གསོ་སྐྱེད་གི་རེད། ཚིགས་བརྗེད་པ་དེ་ཚོ། ཡང་བསྐྱར་གསལ་པོ་ཆགས་ཀྱི་རེད།
གལ་ཆེ་ཤོས་
ཐོག་མར་གདན་ས་ཆེན་པོ་ཚོ་ལ་ཕེབས་དགོས་རེད། བླ་མ་བཟང་པོ་ཞིག་བསྟེན་དགོས་རེད། དབང་ལུང་ཁྲིད་གསུམ་ཚང་བ་ཞུ་དགོས་རེད། ང་ཚོ་ནམ་འཆི་ཆ་མེད་རེད། ང་རང་གི་དགེ་རྒན་གཉིས་ཀ་དགོངས་པ་རྫོགས་ཚར་བ་རེད། ད་ནས་བཟུང་ཆོས་བྱེད་དགོས་རེད། ཁྱེད་རང་ཚོ་ཡང་གཅིག་པ་ཡིན། སློབ་སྦྱོང་བྱས་ནས་བཟང་པོ་བྱེད་རོགས།
སྐྱེ་བ་སྔ་མ་དང་ཕྱི་མ་ཡོད་པའི་རིགས་པ
༡། རིགས་པ་དང་པོ
མི་ཚང་མ་གཅིག་པ་མ་རེད། ཁ་ཤས་ཕྱུག་པོ་རེད། ཁ་ཤས་དབུལ་པོ་རེད། ཁ་ཤས་རིག་པ་རྣོ་པོ་རེད། ཁ་ཤས་རིག་པ་རྟུལ་པོ་རེད། ཁ་ཤས་གཟུགས་པོ་ཡག་པོ་རེད། ཁ་ཤས་གཟུགས་པོ་སྐྱོན་ཅན་རེད། དེ་ཚོ་ག་རེ་བྱས་ནས་རེད་ཟེར་ན། སྐྱེ་བ་སྔ་མའི་ལས་ཀྱི་འབྲས་བུ་རེད།
༢། རིགས་པ་གཉིས་པ
བྱིས་པ་ཆུང་ཆུང་ཞིག་སྐྱེས་མ་ཐག་ནས་ཁ་ཤས་དགའ་པོ་བྱེད་ཀྱི་རེད། ཁ་ཤས་མི་དགའ་བ་བྱེད་ཀྱི་རེད། ཁ་ཤས་འཇིགས་སྣང་བྱེད་ཀྱི་རེད། ཁ་ཤས་སྤོབས་པ་ཆེན་པོ་ཡོད་རེད། དེ་ཚོ་ག་རེ་བྱས་ནས་རེད་ཟེར་ན། སྐྱེ་བ་སྔ་མའི་བག་ཆགས་རེད།
༣། རིགས་པ་གསུམ་པ
བྱིས་པ་ཆུང་ཆུང་ཁ་ཤས་ལོ་གཉིས་གསུམ་ནས་སྐད་ཡིག་མ་བསླབས་པར་ཤེས་ཀྱི་རེད། ཁ་ཤས་ཀྱིས་རྩིས་མ་བསླབས་པར་རྒྱག་ཤེས་ཀྱི་རེད། ཁ་ཤས་ཀྱིས་རོལ་མོ་མ་བསླབས་པར་གཏོང་ཤེས་ཀྱི་རེད། དེ་ཚོ་ག་རེ་བྱས་ནས་རེད་ཟེར་ན། སྐྱེ་བ་སྔ་མའི་གོམས་འདྲིས་རེད།
༤། རིགས་པ་བཞི་པ
མི་ཁ་ཤས་ཆོས་ལ་དད་པ་ཆེན་པོ་ཡོད་རེད། ཁ་ཤས་ལ་དད་པ་རྩ་བ་ནས་མེད་རེད། ཁ་ཤས་དགེ་བ་བྱེད་འདོད་ཆེན་པོ་ཡོད་རེད། ཁ་ཤས་སྡིག་པ་བྱེད་འདོད་ཆེན་པོ་ཡོད་རེད། དེ་ཚོ་ག་རེ་བྱས་ནས་རེད་ཟེར་ན། སྐྱེ་བ་སྔ་མའི་གོམས་གཤིས་རེད།
༥། རིགས་པ་ལྔ་པ
ང་ཚོའི་སེམས་འདི་གསར་པ་མ་རེད། རྒྱུན་མ་ཆད་པར་ཡོང་བ་རེད། དཔེར་ན། ད་ལྟའི་སེམས་འདི་ཁ་སང་གི་སེམས་ལས་བྱུང་བ་རེད། ཁ་སང་གི་སེམས་དེ་གཞེས་ཉིན་གྱི་སེམས་ལས་བྱུང་བ་རེད། དེ་བཞིན་དུ་སྐྱེ་བ་སྔ་མའི་སེམས་ཀྱང་རྒྱུན་མ་ཆད་པར་ཡོང་བ་རེད།
༦། རིགས་པ་དྲུག་པ
སེམས་ཅན་ཚང་མ་འཆི་འདོད་མེད་རེད། གསོན་འདོད་ཡོད་རེད། དེ་ག་རེ་བྱས་ནས་རེད་ཟེར་ན། སྐྱེ་བ་སྔ་མ་ནས་གསོན་པོར་སྡོད་འདོད་པའི་འདུན་པ་ཤུགས་ཆེན་པོ་ཡོད་པ་དེ་རེད།
སྐྱེ་བ་སྔ་ཕྱི་ཡོད་པ་ཧ་ཅང་གསལ་པོ་རེད། ད་ལྟ་རང་ཉིད་ལ་མི་ལུས་རིན་པོ་ཆེ་རག་ཡོད་དུས། འདི་དོན་མེད་ཆུད་ཟོས་སུ་མ་བཏང་བར། དགེ་བའི་ལས་མང་པོ་བསགས། གལ་སྲིད་དེ་འདྲ་མ་བྱས་ན། སྐྱེ་བ་ཕྱི་མ་ངན་སོང་དུ་སྐྱེ་བའི་ཉེན་ཁ་ཆེན་པོ་ཡོད་རེད། ངན་སོང་དུ་སྐྱེས་ན། དམྱལ་བ། ཡི་དྭགས། དུད་འགྲོ་བཅས་ཀྱི་སྡུག་བསྔལ་མྱོང་དགོས་རེད། དེ་ནས་ཐར་པ་ཧ་ཅང་དཀའ་ལས་ཁག་པོ་རེད།
དེ་འདྲ་སོང་ཙང་། ད་ལྟ་རང་ནས་གདན་ས་ཆེན་པོ་ཚོ་ལ་ཕེབས་ནས་ཆོས་ཡག་པོ་ཉན་དགོས་རེད། དལ་འབྱོར་མི་ལུས་རིན་པོ་ཆེ་དོན་དང་ལྡན་པ་ཞིག་བཟོ་དགོས་རེད། ད་ལྟ་རང་ནས་ཆོས་ཡག་པོ་ཉན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
ཐུགས་རྗེ་ཆེ། བསྟན་འཛིན་རྡོ་རྗེ།
ReplyDelete