གུང་རུ་རྒྱལ་མཚན་བཟང་པོའི་རྣམ་ཐར།

Tenzin Dorjee
0
མཚན། ༧ཚུངས་མེད་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོ་མཆོག
འཁྲུངས་ཡུལ།
མདོ་སྟོད་ལྟོ་རོང་གུང་རུའི་ཡུལ།
གཞོན་ནུའི་དུས་ནས་གསང་ཕུར་ཕེབས། རྗེ་ཡབ་སྲས་དང་། བྱང་སེམས་རྭ་སྒྲེང་བ་ཆེན་པོ་སོགས་ཚུལ་བཞིན་དུ་བསྟེན།


         གུང་རུ་རྒྱལ་མཚན་བཟང་པོ།

  • །མང་ཐོས་ཡོན་ཏན་རྒྱ་མཚོའི་མཐར་སོན་ཅིང༌།
  • །འཆད་རྩོད་རྩོམ་ལ་ཐོགས་མེད་སྤོབས་པ་ཅན།
  • །གནས་ལྔ་རིག་པའི་པཎ་ཆེན་ཆོས་ཀྱི་རྗེ།
  • །རྒྱལ་མཚན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ།

གུང་རུ་རྒྱལ་མཚན་བཟང་པོ་ནི་རྗེ་ཙོང་ཁ་པའི་དངོས་སློབ་ཡི་དམ་གྱི་ལུང་བསྟན་པ་ཞིག་ཡིན་ལ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའམ་ལྔའི་ཡ་གྱལ་ཞིག་ཀྱང་ཡིན། དགེ་སློང་མ་དཔལ་མོའི་སྐྱེ་བར་གྲགས། རྗེ་འདི་མདོ་སྟོད་ལྟོ་རོང་གུང་རུའི་ཡུལ་དུ་རབ་བྱུང་དྲུག་པའི་ཆུ་ཕག་སྤྱི་ལོ་ (1383) ལོར་སྐུ་འཁྲུངས། ལུང་དང་རིགས་པ་སྨྲ་བ་ལ་མཚུངས་པ་མེད་པས་མཚུངས་མེད་ཆོས་རྗེ་དང་། མདོ་སྟོད་པ་རྒྱལ་མཚན་དཔལ་བཟང་། མདོ་ཁམས་སྟོད་པ་དྷཱ་ཛ་བྷ་དྲ། འཁར་ཐོགས་པ་རྒྱལ་མཚན་བཟང་པོ་བཅས་མཚན་གྱི་རྣམ་གྲངས་མང་། གཞོན་ནུའི་དུས་ནས་གསང་ཕུར་ཕེབས། རྗེ་ཡབ་སྲས་དང་། བྱང་སེམས་རྭ་སྒྲེང་བ་ཆེན་པོ་སོགས་ཚུལ་བཞིན་དུ་བསྟེན་ནས་དཀའ་བཞི་ལ་མཁས་པའི་གྲགས་པ་ཐོབ། ཁུད་པར་དབུ་མ་ལ་རྩལ་དུ་ཐོན། རྡེ་ཙོང་ཁ་བས་མཁན་པོ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་ལས་སློབ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གསང་སྟོན་མཛད་དེ་བསྟེན་རྫོ རྫོགས་ཀྱིསྡོམ་པ་བཞེས། ལྟོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལས་ཀྱང་ཆོས་གསན་པར་སྣང་། གསང་ཕུ་བི་སེར་དུ་འཆད་ཉན་གྱི་སློབ་དཔོན་མཛད། ལོ་ཆེན་དྭགས་པོ་བ་དང་། སློབ་དཔོན་དགེ་ལེགས་རྒྱལ་མཚན་རྩོད་པས་ཕམ་པར་བྱས། དེ་ནས་སེ་རའི་མཁན་ཐོག་གསུམ་པར་ཕེབས། བསྟོད་པ་གྲྭ་ཚང་བཏབ། འདུལ་འཛིན་གྲགས་པ་རྒྱལ་མཚན་གཤེགས་རྗེས་བཙུན་མོ་ཚལ་དགོན་དང་གདན་ས་ཉིས་འཛིན་གྱི་སྒོ་ནས་ཆོས་གསུངས། དེ་བཞིན་རྩེད་ཐང་དང་། སྐྱོར་མོ་ལུང་གཉིས་སུ་ཡང་འཆད་ཉན་རྩོམ་གསུམ་གྱི་བྱ་བ་མཛད། དགེ་སློང་མ་དཔལ་མོའི་ཐུགས་དམ་གྱི་རྟེན་འཕགས་པ་ཐུགས་རྗེ་ཆེན་པོ་འཕགས་མ་ཉིད་ཀྱིས་ཉང་བྲན་གྱི་བྲག་ནོར་བུ་དགའ་འཁྱིལ་འདྲ་བའི་འོག་ཏུ་གཏེར་དུ་སྦས་པ་རྗེ་ཉིད་ཀྱིས་གཏེར་ནས་བཏོན་ཅིང་སེ་རའི་འདུ་ཁང་ཆེན་མོའི་གཟིམས་ཆུང་འཆི་མེད་དཔལ་སྟེར་ཏེ་ཐུགས་རྗེ་ལྷ་ཁང་གི་རྟེན་གཙོར་བཞུགས་ཁ་པ་མཇལ་ཚུལ་གྱི་སྐོར་རྣམས་ཞུས། སློབ་མ་ཡང་གསང་ཕུ་བ་དཔལ་ལྡན་སེང་གེ་དང་།

ཨུང་རུ་ཆོས་རྗེ་རིན་ཆེན་བྱང་ཆུབ། ཀུན་ལེགས་པ། པུ་ཏོ་བླ་མ་གཞོན་ནུ་དཀོན་མཆོག འབྲོང་སྟེང་བླ་མ་སངས་རྒྱས་ཚུལ་ཁྲིམས། དཔུང་མཁར་བླམ་རྒྱལ་ཡོག་པ། རི་ཁ་བླ་མ་གྲོགས་འོང་བ། བྱིའུ་གནས་བརྟན་པ། ཀོང་པོ་ རི་ཁ་དགོན་གྱི་བླ་མ་གྲགས་པ་འོད་ཟེར་སོགས་གཞན་དོན་ནུས་པ་མང་དུ་ཐྱུང་།དགུང་ལོ་ལོ་རེ་བརྒྱད་པ་རབ་བྱུང་བརྒྱད་པའི་ལྕགས་རྟ་སྤྱི་ལོ་ (1450) ལོར་གཤེགས། གདུང་རྟེན་ནི་སེར་སྔགས་གྲྭ་ཚང་གི་འོད་ དཔག་ལྟ་ཁང་གི་གཞོགས་ཚོགས་ཆེན་འདུ་ཁང་ཆེན་མོའི་ཡང་ཐོག་ཐུགས་རྗེ་ལྷ་།ཁང་དུ་བཞུགས། གསུང་འབུམ་གྲས་ལ། སྟོང་མཐུན་རྒྱས་འབྲིང་བསྡུས་གསུམ་དང་། དབུ་མའི་ལྟ་ཁྲིད།བདག་མེད་པའི་དོན་སྒོམ་ཚུལ་གྱི་རིམ་པ། དབུ་མའི་སྤྱི་དོན་ བློ་བཟང་དགའ་ ©བསྐྱེད། རྩ་བ་ཤེས་རབ་ཀྱི་འགྲེལ་བ། རིགས་པ་དྲུག་ཅུ་པའི་འགྲེལ་བ། རྩོད་བཟློག་གི་འགྲེལ་བ། བཞི་བརྒྱ་བའི་འགྲེལ་བ། དབུ་མ་རྒྱན་གྱི་འགྲེལ་བ། དབུ་མ་འཇུག་པའི་རྣམ་བཤད་རྟེན་འབྱུང་གི་དེ་ཉིད་གསལ་བྱེད། ཤེས་རབ་སྟིང་པོའི་འགྲེལ་བ། རྟེན་འབྲེལ་བསྟོད་པའི་འགྲེལ་བ། རྟོགས་བརྗོད་མདུན་ལེགས་མའི་འགྲེལ་བ། མངོན་རྟོགས་རྒྱན་གྱི་འགྲེལ་བ་མཁས་པའི་ཡིད་འཕྲོག་དང་།ཕར་ཕྱིན་བྱམས་པའི་དགོངས་རྒྱན། མདོ་སྡེ་རྒྱན་གྱི་འགྲེལ་བ། དབུས་ ©མཐའ་རྣམ་འབྱེད་ཀྱི་འགྲེལ་བ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ། མངོན་པ་མཛོད་ཀྱི་འགྲེལ་བ། འདུལ་བའི་སྤྱི་དོན། ཚད་མའི་བསྟན་བཅོས་མཁས་པ། དགའ་བསྐྱེད་སོགས་མཁས་པ་མགུ་པ་བསྐྱེད་པའི་བསྟན་བཅོས་མཐའ་ཡས་པ་མཛད་པ་སོགས་འཕྲིན་ལས་ནམ་མཁའ་དང་མཉམ་པ་བྱུང་ངོ་།། །།དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་གྲྭ་བློ་བཟང་ཆོས་འབྱོར་གྱིས་བཀོད།.

Post a Comment

0Comments

Post a Comment (0)

#buttons=(Accept !) #days=(20)

Hello friends, this website is for reading and learning. Learn Now
Accept !